ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པ་འགོ་ཚུགས་པ།
ཟླ་4ཚེས་3ཉིན་གྱི་དགོང་མོར། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པ་དངོས་སུ་འགོ་ཚུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་གྲོགས་པོ་ཉིང་ཁྲིར་མཉམ་འཛོམས་ཀྱིས་མེ་ཏོག་མཚམས་སྦྱོར་དུ་བྱེད་པ་དང་། གྲོགས་པོ་རྒྱ་ཁྱབ་སྒྲིག་པ། མཛའ་གཅུགས་གླེང་བ། མཉམ་ལས་བགྲོ་གླེང་བཅས་བྱས་པ་རེད།
འདི་ནི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་བྲག་ཡིབ་ཆུས་ཡན་ལག་ཚོགས་ར་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་རར་ཡུལ་སྐོར་བས་མེ་ཏོག་ལ་ལྟ་བཞིན་པ།