མེ་འཁོར་ལ་བསྡད་ནས་མཚོ་བོད་ས་མཐོར་ཡུལ་སྐོར་བྱེད།
འདི་ནི་ཡུལ་སྐོར་བས་བོད་དུ་སྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་ཟ་ཁང་ནང་ཧོར་རིགས་ཀྱི་ཕར་ཕྱིན་རྒྱུན་འཛིན་པ་དང་སྤེལ་རེས་བྱེད་བཞིན་པ།
འདི་ནི་ཡུལ་སྐོར་བ(གཡས་ཀྱི་དང་པོ)བོད་ལྗོངས་ཉིང་ཁྲིའི་མེ་འཁོར་བབས་ཚུགས་སུ་དྲན་རྟེན་པར་རྒྱག་བཞིན་པ།
ཉིན་ཤས་གོང་། “མཛེས་སྡུག་ལྡན་པའི་མཚོ་སྔོན། བདེ་སྐྱིད་ལྡན་པའི་བོད་ལྗོངས”ཞེས་པའི་བོད་དུ་ཡུལ་སྐོར་བྱེད་པའི་ཆེད་གཏོང་མེ་འཁོར་བོད་ལྗོངས་ཉིང་ཁྲི་བབས་ཚུགས་སུ་འབྱོར་བ་དང་། ཟླ་3ཚེས་26ཉིན་ཆེད་གཏོང་མེ་འཁོར་མཚོ་སྔོན་ནས་ཐོན་ཞིང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་ལྷག་ཙམ་ནས་ཡོང་བའི་ཡུལ་སྐོར་བ་300ལྷག་ཙམ་གྱིས་ལམ་རྒྱུད་ཀྱི་མཚོ་བོད་ས་མཐོའི་ཚྭ་མཚོ་དང་། གངས་རི། རྩྭ་ཐང་སོགས་ཀྱི་ཡུལ་ལྗོངས་ལ་མྱོང་རོལ་བྱས་ཏེ་ས་མཐོའི་དཔྱིད་ཀྱི་མཛེས་དཔལ་ཉམས་སུ་མྱངས་ཡོད།