ལྕང་འཛུགས་ལས་ལ་བྲེལ། གནའ་གྲོང་དེ་བས་མཛེས།
གྲོང་ཁྱེར་གྱི་ཁོར་ཡུག་སྔར་བས་མཛེས་སུ་གཏོང་བ་དང་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཆེད། ཉིན་ཤས་བསྟུད་མར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲོང་ཁྱེར་གྱི་སྔོ་ལྗང་བདག་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྱི་སྔོ་ལྗང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་གཏོང་བར་གཞོལ་ནས་གྲོང་མིར་དེ་བས་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་འཚོ་བའི་ཁོར་ཡུག་སྐྲུན་བཞིན་ཡོད་ཅིང་། འདི་ནི་བདག་སྐྱོང་བཟོ་པས་སྡོང་ཕྲུག་འཛུགས་བཞིན་པ།