དབུ་ཤོག>པར་མཛོད།
  • ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་དཔྱིད་རྨོད་ཐོན་སྐྱེད་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    དཔྱིད་རྨོད་དུས་ཚིགས་སུ་སྣང་རྫོང་གི་ཞིང་དུད་ཚོས་སོ་ནམ་གྱི་དུས་ཚོད་དམ་འཛིན་བྱས་ཏེ། རྨོད་རྒྱག་པ་དང་། འདེབས་ལས། ལུད་རྒྱག་པ་བཅས་བྱེད་བཞིན་ཡོད་པས། ཞིང་ནང་དང་མུ་ཁའི་ཕྱོགས་གང་སར་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཡོད། ཉེ་ཆར། སྣང་རྫོང་ཁྲལ་དོན་ཅུས་ཀྱིས་ཁྲལ་བརྟེན་ཞིང་ཕན་དང་། ཁྲལ་བརྟེན་ཞིང་སྐྱོར། ཁྲལ་བརྟེན་ཞིང་དར་བཅས་བྱས་ནས་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་དང་ཞབས་འདེགས་ཞུས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད། འདི་ནི་སྣང་རྫོང་ཁྲལ་དོན་ཅུས་ཀྱི་ལས་དོན་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ། ཞིང་པར་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།