ཁྱད་ལྡན་གསོ་སྤེལ་ལེགས་པར་གཉེར། དམངས་ཀྱི་ཡོང་འབབ་འཕར་བར་བྱེད།
འདི་ནི་ཉིང་ཁྲི་ས་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིའི་ལག་རྩལ་པས་དུས་བཀག་ལྟར་དཔེ་འཐེན་བརྟག་དཔྱད་བྱས་ནས་ཉ་སྐྱེ་འཚར་ལ་ཞིབ་བཤེར་བྱེད་བཞིན་པ།
འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་ཤར་སྒོ་གྲོང་ཚོའི་འདེབས་འཛུགས་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་ལས་མིས་ནོར་ལ་གཟན་རྩྭ་སྟེར་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་པ་དང་། གསོ་སྤེལ་དང་འདེབས་འཛུགས་འཁོར་རྒྱུག་ཞིང་ལས་བཏོད་པ། ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་གསོ་སྤེལ་རྟེན་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱི་ནས་ལག་རྩལ་མི་སྣ་གདན་འདྲེན་རྒྱུ་སོགས་ཀྱི་རྨང་གཞི་ནས་འགོ་བཙུགས་ཏེ། གསོ་སྤེལ་བྱེད་སྟངས་ལེགས་སུ་བཏང་ནས་གསོ་སྤེལ་ལས་ཕྱོད་ཆེ་རུ་བཏང་བ་བརྒྱུད། ས་མཐོར་འཚམ་པའི་གསོ་སྤེལ་རིགས་དང་འདྲ་བཟོ་དང་ཁྱབ་སྤེལ་བྱེད་ཆོག་པའི་གསོ་སྤེལ་བྱེད་སྟངས་རིམ་བཞིན་འཚོལ་ཞིབ་བྱས་པར། ལྗང་མདོག་འཁོར་སྐྱོད་རྣམ་པ་ཆགས་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་ཡོད།