གཙང་གསུམ་ངོགས་ཀྱི་མཛེས་སྡུག་རྣམ་པ།
འདི་ནི་གྲོང་མིས་གྲུ་གཟིངས་འབྲུག་གཟུགས་མ་གཏོང་བཞིན་པ།
གཟབ་མཆོར་སྤྲས་པའི་གྲོང་མིས་འཁྲབ་སྟོན་བྱེད་བཞིན་པ།
གྲོང་ཚོའི་ཡིད་དུ་འོང་བའི་མཛེས་ལྗོངས་ཡིན་པ།
གྲལ་སྟར་བསྒྲིགས་པའི་ཡུལ་མིའི་ཁང་པ་ཡིན་པ།
པ་ཁྲ་གྲོང་ཚོའི་མཚེའུ་དང་རི་བོ་ཡིན་པ།
(གོང་གསལ་གྱི་པར་ཚང་མ་ཧེ་ལུང་ཅང་ཞིང་ཆེན་ཐུང་ཅང་གྲོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)
ཧེ་ལུང་ཅང་ཞིང་ཆེན་ཐུང་ཅང་གྲོང་ཁྱེར་པ་ཁྲ་ཧོ་ཀྲེ་རིགས་ཤང་པ་ཁྲ་གྲོང་ཚོ་ནི་གཙང་གསུམ་ཐང་སྟོང་གི་ལྟེ་བར་གནས་པ་དང་ཧོ་ཀྲེ་རིགས་འདུས་སྡོད་བྱ་ཡུལ་གཙོ་བོའི་གྲས་ཤིག་རེད། སྔོན་མ་གྲོང་མི་ཚོས་ཉ་འཚོ་བརྟེན་དུ་བྱེད་པ་དང་ད་ཆ་དེང་རབས་ཞིང་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དར་རྒྱས་གོང་འཕེལ་གྱི་རྣམ་པ་ཞིག་འཕྱུར་བཞིན་ཡོད།
གསར་འགོད་པ་པ་ཁྲ་གྲོང་ཚོར་སྐྱོད་སྐབས། ཐོག་སོ་གཉིས་ལྡན་གྱི་ཁང་པ་གྲལ་སྟར་བསྒྲིགས་པ་དང་སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཞད་ནས་དེ་བས་མཛེས་སྡུག་ལྡན། གྲོང་ཚོས་ཡུལ་སྐོར་ཀུང་སི་བཙུགས་པ་དང་། ཁྱིམ་ཚང་མགྲོན་ཁང་གཉེར་བ། ཧོ་ཀྲེ་ཚོ་པའི་ཉ་འཛིན་རིག་གནས་ཉམས་ལེན་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་དངོས་ཚན་དང་། རླངས་འཁོར་སྒར་ས། ཉ་འཛིན་རིག་གནས་ཁང་སོགས་མཛེས་ལྗོངས་སྒྲིག་བཀོད་བསྐྲུན་པ་མ་ཟད། ཧོ་ཀྲེ་རིགས་ཤང་གི་དམངས་སྲོལ་ཉམས་ལེན་ཡུལ་སྐོར་དང་། འདམ་རའི་ཉམས་ལེན་ཡུལ་སྐོར། ཉ་འཛིན་ཉམས་ལེན་ཡུལ་སྐོར་སོགས་ཀྱི་ལམ་ཐིག་ཇུས་འགོད་བྱས་ཡོད་ལ། “དགུན་དུས་ཉ་འཛིན་དུས་ཆེན”དང་། “ཏ་མ་ཧ་ཕྱིར་རྒྱུ་དུས་ཆེན”སོགས་བྱེད་སྒོ་མང་པོ་གཉེར་བར་བརྟེན་ན་ནིང་པ་ཁྲ་གྲོང་ཚོའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28488ཟིན་ཡོད།
པ་ཁྲ་གྲོང་ཚོའི་ཁོངས་སུ་ཆུ་བོ་དང་གླིང་ཕྲན་མང་པོ་ཡོད་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རང་བྱུང་ཁོར་ཡུག་ལེགས་པའི་ཁྱད་ཆོས་ལྡན་པས། སྐམ་སའི་དབུས་ཁུལ་གྱི་འདམ་ར་དང་ཆུ་ཁོངས་ཟུང་འབྲེལ་གྱི་སྐྱེ་ཁམས་མ་ལག་ཅུང་ཆ་ཚང་པོ་ཞིག་ཉར་ཚགས་ཐུབ་ཡོད། རྒྱ་ཁྱོན་ཆེ་བའི་ན་འདམ་དང་རྩྭ་ཐང་ཡོད་པ་མ་ཟད། ནགས་ཚལ་དང་སྡོང་ཕྲན་ཡང་ཡོད་པར་བརྟེན། བཞད་དཀར་སོགས་དུས་བྱ་མང་པོ་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད།
གཙང་འགྲམ་དུ་དགོང་མོ་མེ་ཕུང་སྤོར་བ་དང་ཐང་ཆེན་དུ་གླུ་ལེན་གར་འཁྲབ་བྱེད་ཅིང་། པ་ཁྲ་གྲོང་ཚོའི་དམིགས་བསལ་གྱི་མི་རིགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག