དབུ་ཤོག>པར་མཛོད།
  • དང་བླངས་པས་རྒན་རྒོན་ལ་མགོ་འཁྲུ་རོགས་བྱེད་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-03-21

    ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། དང་བླངས་པས་རྩྭ་སར་བསྐྱོད་དེ་འབྲོག་པ་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ནས། ས་ཡོམ་དང་། མེ་སྐྱོན། གངས་སྐྱོན་བཅས་ཀྱི་རང་བྱུང་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་སྟངས་སོགས་གསལ་འགྲེལ་བྱས་པ་མ་ཟད། རྒན་རྒོན་གྱི་ཁྱིམ་དུ་གཙང་སྦྲ་བྱེད་རོགས་དང་། བསྡུ་གསོག་རྒྱག་རོགས། མགོ་དང་རྐང་པ་འཁྲུ་རོགས་སོགས་བྱས་ནས་རྒན་རྒོན་ཚོར་སྤྱི་ཚོགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་ཡོད། འདི་ནི་དང་བླངས་པས་རྒན་རྒོན་ལ་མགོ་འཁྲུ་རོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།