དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པར་བཅོས་སྒྲིག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-21

    འདི་ནི་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ལས་དོན་པ་ཡོངས་དང་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པར་ཆེད་དོན་བཅོས་སྒྲིག་བྱེད་བཞིན་པ།

    འདི་ནི་བཅོས་སྒྲིག་བྱས་རྗེས་ཀྱི་འགྲོ་ལམ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་ཤར་ལམ་གྱི་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ་དུ་གློག་སྒུལ་སྦག་སྦག་གང་བྱུང་དུ་བཞག་པའི་སྣང་ཚུལ་ཡང་སེ་ཐོན་ནས་འགྲོ་ལམ་ཤར་བགྲོད་དང་གྲོང་མིའི་རྒྱུན་གཏན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་ཆབས་ཅིག སྡེ་ཁུལ་གྱི་ཁོར་ཡུག་ལའང་ཤུགས་རྐྱེན་ངན་པ་བཟོས་ཡོད། དེས་ན་གནད་དོན་དེ་ཐག་གཅོད་ནུས་ལྡན་བྱ་ཆེད། ཉེ་ཆར་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ལས་དོན་པ་ཡོངས་དང་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་སྐུལ་སློང་བྱས་ནས། འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པར་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།