ཤེས་བྱའི་ཟེགས་མས་བློ་རིག་སྡོང་པོ་རྒྱས།
འདི་ནི་གྲོང་མིས་ལྟེ་བའི་དཔེ་གྲོང་ནས་དཔེ་དེབ་འདེམས་བཞིན་པ།
འདི་ནི་ཀློག་པ་པོས་ལྟེ་བའི་དཔེ་གྲོང་དུ་དཔེ་ཀློག་གི་སྤྲོ་སྣང་ཉམས་ལེན་བྱེད་བཞིན་པ།
ལྷ་ས་ལྟེ་བའི་དཔེ་གྲོང་ནི་དཔེ་དེབ་ལྟ་ཀློག་ཕྱིར་ཚོང་དང་། རིག་གནས་བསམ་བཀོད་འགྲེམས་སྟོན། རིག་གནས་བྱེད་སྒོ སྒྱུ་རྩལ་སྤེལ་རེས། མང་ཚོགས་སྤྲོ་གསེང་སོགས་གཞི་གཅིག་ཏུ་འདུས་པའི་ལྟེ་བའི་དཔེ་གྲོང་ཞིག་ཡིན་པ་དང་འདི་ནས་གཱ་མི་དགོས་པར་དཔེ་ཀློག་བྱས་ཆོག དཔེ་གྲོང་གི་ཐོག་སོ་དང་པོ་ནས་གསུམ་པའི་བར་གྱི་ནུས་མང་འགྲེམས་ཚོང་ཁུལ་དུ་དཔེ་དེབ་དང་། ཡིག་ཆས། རིག་གནས་བསམ་བཀོད་ཐོན་རྫས། བྱིས་པའི་རིག་འཕེལ་རྩེད་ཆས་བཅས་ཡོད་པས། ཀློག་པ་པོར་སྤྲོ་གསེང་དང་། ཉོ་སྒྲུབ། སློབ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉམས་ལེན་ཁུལ་ཞིག་མཁོ་འདོན་བྱས་ཡོད།