ཤིང་འཛུགས་ནགས་བཟོ་བྱས་ནས་རྫ་ཡུལ་ས་གཞི་སྔོ་ལྗང་ཅན་དུ་འགྱུར། རྩྭ་དང་རྩི་ཤིང་བཏབ་ནས་དཔའ་བོའི་ཁྱིམ་གཞིས་མཛེས་པར་བྱེད།
འདི་ནི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་ཡིན་པ། ཟླ་3ཚེས་12ཉིན། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ནས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དུ“ཤིང་འཛུགས་ནགས་བཟོ་བྱས་ནས་རྫ་ཡུལ་ས་གཞི་སྔོ་ལྗང་ཅན་དུ་འགྱུར། རྩྭ་དང་རྩི་ཤིང་བཏབ་ནས་དཔའ་བོའི་ཁྱིམ་གཞིས་མཛེས་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བར་བསྐྱོད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ནགས་ཚལ་མེ་གསོད་དཔུང་ཁག་གི“སྲུང་སྐྱོང་པ”དང“འཛུགས་སྐྲུན་པའི”འགན་འཁྲི་ཉིས་བརྩེགས་ལག་ལེན་བསྟར་བ་རེད།