དཔྱིད་རྨོད་བྱེད་འགོ་ཚུཌ་པ།
དཔྱིད་རླུང་དལ་གྱིས་ལྡང་། ས་གཞི་ཆེ་མོར་སྐྱེ་སྟོབས་རབ་ཏུ་རྒྱས། ཟླ་3ཚེས་12ཉིན། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གཙང་གྲོང་གྲོང་ཚོས་རྨོད་གཉའ་གཅོག་པའི་མཛད་སྒོ་འཁྲུག་པོ་ཞིག་སྤེལ་ཞིང་། ཞོགས་པ་སྔ་པོ་ནས་ཡུལ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ཞིང་། ཞིང་ནང་དང་མུ་ཁར“གྲོ་སོ་ཕྱེ་མར”སྒྲིག་པ་དང་། ཆང་ཕུད་འཁྱེར་བ། ལྷ་རྒྱལ་འཐེན་པ་བཅས་བྱས་ནས། ལོ་གསར་པར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུས་ཤིང་། འདི་ནི་གྲ་ཕྱི་ཤང་གཙང་གྲོང་གྲོང་ཚོའི་ཡུལ་མི་ཚོས་རྨོད་གཉའ་གཅོག་པའི་མཛད་སྒོ་སྤེལ་བཞིན་པ།