དབུ་ཤོག>པར་མཛོད།
  • བོད་ཀྱི་འཐུས་མི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་འགོ་ཉེར་ལྔ་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-12

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་10ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། འདི་ནི་བོད་དུ་རྒྱུན་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་བློ་སྟོབས་ཆེར་སྐྱེད་ཀྱིས་ཚོགས་ར་ནས་ཕེབས་བཞིན་པ།

    ཟླ་3ཚེས་10ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མུ་མཐུད་གྲོས་ཞིབ་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ལོ་འཁོར་གྱི་འཆར་གཞི། ལོ་འཁོར་གྱི་སྔོན་རྩིས་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད། འདི་ནི་ཚོགས་འདུ་གྲོལ་རྗེས་འཐུས་མི་ཚོས་མཉམ་དུ་མྱོང་ཚོར་གླེང་བཞིན་པ།

    གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་གཞིའི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། ཚོགས་འདུའི་ཚོགས་རིང་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་ཁྱོན་གྲོས་འགོ་25ཕུལ་བའི་ནང་འཐུས་མི་ཚོགས་པའི་མཉམ་སྡེབ་ཀྱི་གྲོས་འགོ་10དང་འཐུས་མི་མི་སྒེར་རམ་ཡང་ན་མཉམ་དུ་མིང་བཀོད་པའི་གྲོས་འགོ་15ཡོད་པ་རེད།

    མིག་སྔར་གྲོས་འགོ་དེ་དག་ཚང་མ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚོགས་ཆུང་ལ་ཕུལ་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ལྷན་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་ལས་དོན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་ཚུལ་ཁོང་དུ་ཆུད་པ་དང་། སྒྲུབ་འགན་འཁུར་མཁན་ཚན་པ་དང་འཐུས་མིའི་དབར་འབྲེལ་གཏུག་ཡག་པོ་བྱེད་རྒྱུར་རང་འགུལ་ངང་གཞོགས་འདེགས་བྱས་ནས་འཐུས་མིས་བཏོན་གནང་བའི་གྲོས་འགོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།