དབུ་ཤོག>པར་མཛོད།
  • རང་འགན་གཙང་སྒྲུབ་ལས་འགན་ལྕི་པོ་འཁུར། ངར་སེམས་ཆེར་སྐྱེད་རྒྱང་ལམ་གསར་པར་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-12

    ཟླ་3ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ།

    འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན(དཀྱིལ)གྱིས“ཨུ་ཡོན་བགྲོད་ལམ”དུ་མེ་ཏོག་རྫོང་གི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་ངོ་སྤྲོད་གནང་བཞིན་པ།

    འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ཨུ་ཡོན་གཞན་དག་དྲན་རྟེན་པར་སྐྱོན་བཞིན་པ།

    འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འགན་སྒྲུབ་ཉམས་མྱོང་སྤེལ་རེས་གནང་བཞིན་པ།

    འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ(གཡོན)ཀྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

    འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འགན་སྒྲུབ་ཉམས་མྱོང་སྤེལ་རེས་གནང་བཞིན་པ།

    འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སོགས་ཚོགས་ཞུགས་མི་སྣས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་སྐྱོན་བཞིན་པ།

    ཟླ་3ཚེས་10ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།

    དེ་ནི་བློ་གྲོས་གཅིག་སྡུད་དང་ཇུས་བཟང་མཉམ་འགོད་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད་ལ། སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་རེད།

    བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་གནང་སྟེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་སྲིད་དོན་ཇུས་འབུལ་གནང་ཡོད། བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། མི་དམངས་མང་ཚོགས་ཚོས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་པ་བཅས་བྱས་ཏེ། བརྟག་ཞིབ་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པས། སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་མཁས་པ་བཅས་ཀྱི་འགན་སྒྲུབ་རྣམ་པ་མངོན་པ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ནུས་པ་གལ་ཆེན་གང་ལེགས་བཏོན་ནས། གྲོས་མོལ་དམངས་གཙོའི་ཁྱད་ཆོས་དང་། ལེགས་ཆ། སྐྱེ་སྟོབས། གསོན་ཤུགས་བཅས་གང་ལེགས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།