འཚོ་བའི་ཁྲོད་དུ་མེ་ཏོག་དྲི་ཞིམ་འཐུལ། བུད་མེད་ནུས་པར་ཀུན་གྱིས་མོས་བསྟོད་བྱེད།
“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་སྐྱིད་གྲོང་རྫོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་འགག་སྒོའི་དོན་དངོས་ལ་གཞིས་ཚུགས་ཏེ“‘བུད་མེད’ཀྱི་ནུས་ཤུགས་ལ་གུས་འདུད་ཞུ་བ་དང‘བུད་མེད་ཀྱི་ཉམས་འགྱུར’སྐུལ་སྤེལ་བྱེད་པ”གཙོ་རྐང་དུ་བྱས་ནས་བརྫོད་དོན་གཙོ་བོ་མངོན་གསལ་དོད་པ་དང་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ནས་ཡུན་རིང་རྒྱལ་སྒོའི་འཐབ་ཕྱོགས་དང་པོར་འབད་འབུངས་བྱེད་པའི་བུད་མེད་མི་དམངས་ཉེན་རྟོག་པར་རྩ་འཛུགས་ཀྱི་སེམས་ཁུར་བརྒྱུད་སྤྲོད་བྱས་ཏེ་བུད་མེད་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་བཅངས་ནས་གནས་སྤོས་ཡུལ་མིའི་དོ་དམ་བྱ་གཞག་ལ་ཞུགས་རྒྱུར་ལྕག་སྐུལ་བྱས་པ་རེད། འདི་ནི་སྐྱིད་གྲོང་རྫོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མེ་ཏོག་འཛུག་པའི་བྱེད་སྒོ་སྤེལ་བཞིན་པ།