གཞི་རིམ་གྱི་བུད་མེད་རྣམས་ལ་གུས་འདུད་ཞུ།
འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་བུད་མེད་རུ་འབྲིང་གི་འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་སྒྲུབ་བཞིན་པ།
འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་པས་པར་ངོས་འཆར་འགོད་བྱེད་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དོས་དྲག་ཚན་ཁག་གི་སྨན་གཡོག་ལས་གནས་ཐོག་ཡོད་པ།
ཟླ་3ཚེས་8ཉིན་ནི་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་ཞིང་། འདི་ནི་བུད་མེད་ལ་ཆེད་དུ་དབང་བའི་དུས་ཆེན་ཞིག་རེད་ལ། བུད་མེད་ཀྱི་སྟོབས་ཤུགས་དང་ལེགས་སྐྱེས་ལ་བསྟོད་པ་ཕུལ་བ་ཞིག་དེ་བས་ཀྱང་རེད། སྤྱི་ཚོགས་ལས་རིགས་ཁག་ཏུ་བུད་མེད་ལས་དོན་པ་ཚོས་ཁོང་ཚོའི་ཐུན་མིན་གྱི་སྙིང་རུས་དང་བློ་གྲོས་ལ་བརྟེན་ནས་གནམ་ཕྱེད་ཀ་བཏེགས་ཏེ། “མཛངས་མའི་ཞུམ་མེད་སྙིང་སྟོབས”ཀྱི་ནང་དོན་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ཁོང་ཚོས་རང་རང་སོ་སོའི་ལས་གནས་ཐོག་སྐད་གྲགས་མེད་པར་ལས་ལ་གཞོལ་ཏེ་ནུས་ཤུགས་དང་འབད་འཐབ་ལ་བརྟེན་ནས་རང་ཉིད་ལ་དབང་བའི་མཛེས་སྡུག་ལྡན་པའི་མི་ཚེའི་ལེའུ་རྩོམ་བཞིན་མཆིས།