རྟ་རྩལ་འགྲན་ནས་ལོ་གསར་དགའ་གཏོང་བྱེད་པ།
འདི་ནི་རྟ་རྩལ་རུ་མི་ཚོས་སྲོལ་རྒྱུན་གྱི་རྟ་རྩལ་ངོམ་བཞིན་པ།
ཟླ་3ཚེས་2ཉིན་ཏེ་2025ལོའི་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་བྱེད་སྒོ་ལྷ་ས་གྲོང་ཁྱེར་གྲོང་བྱང་རྟ་རྒྱུག་ར་བར་སྤེལ་བ་རེད། རྟ་རྩལ་ནི་བོད་དུ་བཀྲ་ཤིས་པ་དང་། དཔའ་ངར་ཆེ་བ། བློ་གྲོས་ལྡན་པ་བཅས་ཀྱི་མཚོན་རྟགས་རེད། རྟ་པ་ཚོས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།