གྲོང་མིར་ལོ་མཇུག་གི་བགོ་འགྲེམས་རག་པ།
རྒྱ་ཆེའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཏན་ཏིག་ཚོར་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་བགོ་འགྲེམས་ལོངས་སུ་སྤྱོད་རྒྱུ་ཡོང་བའི་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་སྒང་སྐྱིད་གྲོང་ཚོས་2024ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བགོ་འགྲེམས་རྒྱག་པའི་མཛད་སྒོ་འཚོགས་པ་རེད། ད་ཐེངས་དངོས་ཟོག་བགོ་འགྲེམས་རྒྱག་སྐབས་ཁྱོན་བསྡོམས་འོ་རྩམ་སྒམ་115དང་། ཆབ་ཤོག་སྒམ་115 བྱེ་མ་ཀ་ར་འགྱིག་ཕད་115 འབྲས་དང་གྲོ་ཞིབ་འགྱིག་ཕད་690བཅས་སྤྲད་པ་དང་། དབུལ་སྒྲོལ་དུད་ཚང་ལ་ལོགས་སུ་དངུལ་སྨར་སྒོར་100རེ་སྤྲད་པ་བཅས་ཁྱོན་རིན་ཐང་སྒོར་ཁྲི་30.335ཟིན་གྱི་ཡོད་པ་རེད། འདི་ནི་བགོ་འགྲེམས་རྒྱག་ས་ཡིན་པ།