བྱེད་སྒོ་ཕུན་སུམ་ཚོགས། ལོ་གསར་རྣམ་པ་ཟབ།
འདི་ནི་ཟླ་2ཚེས་27ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཤོག་སྦག་གི་སྟོན་མོ་བཤམས་པའི་རྣམ་པ་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་2025ལོའི“ལོ་གསར་དགའ་གཏོང་བྱེད”ཅེས་པའི་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ལེ་ཚན《གཡང་ཕྲུག་གིས་བཀྲ་ཤིས་སྨོན་འདུན་ཞུ》ཕབ་ལེན་བྱ་ཡུལ་ཡིན་པ།
བོད་ཀྱི་ལོ་གསར་གྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། གྲོང་ཁྱེར་གྱི་སྲང་ལམ་ནས་གྲོང་གསེབ་ཀྱི་གར་སྟེགས་བར་དང་། དེ་ནས་མཐའ་མཚམས་གྲོང་ཚོ་སོགས་རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་གང་ལེགས་ཞུས་པ་རེད།