དབུ་ཤོག>པར་མཛོད།
  • བོད་མིའི་འབྱུང་གནས་ཀྱི་རིག་གནས་སྤུས་རྟགས་ཡག་པོ་བཏོད་པ།

    འཕྱོངས་རྒྱས་རྫོང་གི་2024ལོའི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-03


    འཕྱོངས་རྒྱས་རྫོང་གྲོང་དང་འཕྱིང་བ་སྟག་རྩེའི་གནའ་ཤུལ་ཡིན་པ།

    འཕྱོངས་རྒྱས་རྫོང་གི་རིག་དངོས་སྲུང་སྐྱོབ་ལས་དོན་པས་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    འཕྱོངས་རྒྱས་རྫོང་གི་རིག་དངོས་སྲུང་སྐྱོབ་ལས་དོན་པ་དང་མེ་ཟོན་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་ཚན་པར་མེ་ཟོན་ལས་དོན་ལ་ཞིབ་བཤེར་བྱེད་བཞིན་པ།

    འཕྱོངས་རྒྱས་རྫོང་གི་རིག་དངོས་སྲུང་སྐྱོབ་ལས་དོན་པས་རིག་དངོས་སྲུང་སྐྱོབ་ཚན་པའི་ཆར་འགོག་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    སྲོང་བཙན་བང་སོ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས“བོད་མི་རིགས་ཀྱི་མེས་པོའི་བཞུགས་གནས། བོད་ཀྱི་རིག་གནས་ཀྱི་འབྱུང་གནས”ཞེས་པའི་ས་ཁོངས་ཀྱི་ལེགས་ཆ་ལྡན་པའི་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ནས“སྲུང་སྐྱོང་སྔོན་ལ་འཇོག་པ་དང་། བེད་སྤྱོད་རྨང་གཞིར་བྱེད་པ། རྒྱུན་འཛིན་རྩ་བར་འཛིན་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྲུང་སྐྱོང་བྱེད་རིང་བེད་སྤྱོད་དང་བེད་སྤྱོད་སྲུང་སྐྱོང་བྱས་ཏེ་འཕྱོངས་རྒྱས་ཀྱི་ཁྱད་ཆོས་ལྡན་པའི་རིག་དངོས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་དང་ལག་ལེན་བསྟར་ཡོད།

    རིག་དངོས་མཚར་སྡུག་ལྡན་པར་བྱེད་པ།

    འཕྱོངས་རྒྱས་ཀྱི་མཛེས་པ་ནི་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་ལས་འབྱུང་ཞིང་། འཕྱོངས་རྒྱས་སུ་སྐྱོད་སྐབས་ངེས་པར་དུ་བཙན་པོའི་བང་སོ་དང་། འཕྱིང་བ་སྟག་རྩེའི་གནའ་ཤུལ། ཟླ་བ་སྒྲོལ་མའི་འཁྲུངས་ཡུལ་སོགས་མི་ཆོས་རིག་གནས་ཀྱི་ཡུལ་ལྗོངས་ཁུལ་ལ་ཡིན་གཅིག་བསྐྱོད་ནས་བབ་ཆགས་པའི་དམངས་སྲོལ་མྱོང་རོལ་བྱེད་ཆོག

    རིག་གནས་ཡུལ་སྐོར་ལ་གཞི་ཚུགས་ནས་་རྫོང་དར་རྒྱས་ཡོང་བར་བྱས་པ། འཕྱོངས་རྒྱས་རྫོང་གིས་ཐོག་མཐའ་བར་གསུམ་དུ་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་དེ་གལ་ཆེའི་གནས་བབ་ཏུ་བཞག་ཡོད། 2024ལོར། རིམ་རྩིས་བརྒྱབ་ན་སྒོར་ཁྲི་66ལྷག་ཙམ་བཏང་ནས་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གཅིག་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་པ་དང་དེ་བཞིན“སྒྱུར་བཀོད་ཕྲན་བུ་དང་སྤུས་ལེགས་རིམ་སྤོར”གྱི་འདུ་འགོད་ལག་བསྟར་བྱས་ཡོད། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ནང་བཅུག་ནས་རིག་དངོས་སྲུང་སྐྱོབ་ཀྱི་བར་མཐོངས་ཚན་རིག་དང་མཐུན་པའི་ངང་དོ་དམ་དང་ཚོད་འཛིན་བྱས་ཏེ་རིག་དངོས་ཡོད་སར་གསར་སྤེལ་མི་བྱེད་པའི་འགན་ལེན་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་བདེ་འཇགས་ལྟ་འདོམས་ལས་སྟེགས་ལ་བརྟེན་ནས་རིམ་གསུམ་རིག་དངོས་བདག་སྐྱོང་དྲ་བའི་སྐོར་ཞིབ་ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་ཞིང་། ལོ་གཅིག་རིང་ཁོངས་ཞུགས་ཚན་པ་ཁག་གིས་མཉམ་འགུལ་སྐོར་ཞིབ་ཐེངས་20ལྷག་ཙམ་བྱས་པ་དང་རིག་དངོས་བདེ་འཇགས་སྐོར་ཞིབ་པས་སྔ་རྗེས་སུ་རྒྱུན་གཏན་གྱི་སྐོར་ཞིབ་ཐེངས་2100ལྷག་ཙམ་བྱས་པ་རེད།

    རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

    2013ལོར། ལོ་ངོ་200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཆང་ཁྱིམ་གཞིས་ཀ་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་བདམས་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གནའ་བོའི་སྐྲུན་དངོས་ཉམས་གསོ་དང་གསར་གཏོད་རང་བཞིན་གྱི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ཡོད། 2015ལོར་ཉམས་གསོ་ཐེངས་དང་པོ་བྱས་རྗེས། 2023ལོར་སླར་ཡང་མ་དངུལ་གྲབས་གསོག་བྱས་ནས་ཆང་ཁྱིམ་གཞིས་ཀ་དེ་སྤྱི་པའི་རིག་གནས་ལྟེ་གནས་སུ་སྲུང་སྐྱོབ་རང་བཞིན་གྱི་སྒོ་ནས་སྒྱུར་བཀོད་བྱས་ཡོད།

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་གནའ་བོའི་སྐྲུན་དངོས་སྒྱུར་བཀོད་ཀྱི་དཔེ་མཚོན་ཐོག་མ་དེ་རེད།

    ཆང་ཁྱིམ་གཞིས་ཀར་རྟེན་མཛོད་ཁང་རིམ་པའི་གློག་སྒྲོན་མ་ལག་སྤྱད་ནས་གནའ་བོའི་སྐྲུན་དངོས་ཧྲིལ་པོ་ཁྲ་ལྷམ་མེར་གསལ་བར་བྱས་པ་གསར་འགོད་པས་མཐོང་བྱུང་།

    2024ལོ་ནས་བཟུང་འཕྱོངས་རྒྱས་རྫོང་གིས་སྔ་རྗེས་སུ་རྫོང་ཡོངས་ཀྱི་སྤོ་མི་རུང་བའི་རིག་དངོས་ས་ཚིགས་159ལ་གསེད་བཀྲོལ་བྱས་པ་དང་། རིམ་རྩིས་བརྒྱབ་ན། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ནང་རིག་དངོས་ས་ཚིགས་48ཐོ་འགོད་བྱས་ཡོད། སྨྱན་སྦྱོར་གསར་པར་བརྟེན་ནས་འཕྱོངས་རྒྱས་ཀྱི་རིག་དངོས་དྲ་ཐོག་ནས་འགྲེམས་སྟོན་བྱས་པས། མི་དེ་བས་མང་བས་དྲ་ཐོག་ནས་འཕྱོངས་རྒྱས་ཀྱི་རིག་གནས་ཤུལ་བཞག་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་རྟོགས་ཐུབ་ཡོད།

    རིག་དངོས་ལ་བརྟེན་ནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་བྱེད་པ།

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་སྔ་རྗེས་སུ་སྤྱན་གཡས་དགོན་དང་ཐང་པོ་ཆེ་དགོན་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དགུ་པར་རེ་ཞུ་བྱས་པ་དང་། འཕྱིང་བ་སྟག་རྩེའི་བྲག་བརྐོས་སྐུ་བརྙན་དང་། སྤང་དགའ་གནའ་ཤུལ། བདེ་སྐྱིད་གླིང་ཁ་གནའ་ཤུལ་བཅས་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་བརྒྱད་པར་རེ་ཞུ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་སུ་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་མྱོང་རོལ་དང་ཡུལ་སྐོར་དུ་ཡོང་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།