རྒན་གསོ་ཁང་ནས་དྲོ་སྐྱིད་ལྷག་པར་མངོན།
བོད་ཀྱི་ལོ་གསར་ཚེས་གཅིག་ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་དྲོ་སྐྱིད་ལྡན་ཞིང་འཁྲུག་ཆ་དོད་པའི་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཞིག་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་རྣམ་པས་གཟབ་མཆོར་ལེགས་པར་སྤྲས་པ་དང་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དྲོ་སྐྱིད་ལྡན་པའི་དུས་ཆེན་དགའ་གཏོང་བྱས། ལས་དོན་མི་སྣས་བྲེལ་འཚུབ་ཆེན་པོས་རྒན་རྒོན་ཚོར་ཞབས་འདེགས་ལེགས་པར་ཞུ་བཞིན་ཡོད། བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་རྒན་རྒོན་ཚོར་བཀྲ་ཤིས་པའི་ཁ་བཏགས་ཕུལ་བ་མ་ཟད། ཁོང་ཚོར་ལོ་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད། འདི་ནི་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་ཚོས་ལས་དོན་མི་སྣའི་འཁྲབ་སྟོན་ལ་བསྔགས་བརྗོད་བྱེད་བཞིན་པ།