དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྨན་གླིང་གྲོང་ཁྱེར་གླང་གོང་གྲོང་ཚོའི་ཏང་ཀྲི་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-01

    བྱེད་སྒོར་ཞུགས་པའི་གླང་གོང་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་གྱིས་དྲན་རྟེན་པར་རྒྱག་བཞིན་པ།

    གླང་གོང་གྲོང་ཚོའི་ཏང་ཡོན་དང་གྲོང་ཚོའི་ལས་བྱེད་པས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱི་དགྲ་ལྷ་གྲོང་ཚོར་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།

    ཉེ་ཆར། སྨན་གླིང་གྲོང་ཁྱེར་གནས་ལུང་ཤང་གླང་གོང་གྲོང་ཚོའི་ཏང་ཀྲི་པུས“ཏང་འཛུགས་སྐྱོང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྣེ་ཁྲིད་བྱས་ཏེ། ཕྱིར་ལྟ་སྐོར་སློབ་སྦྱོང་བྱས་ནས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་གླང་གོང་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་རྒན་གྲས་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དེ་བཞིན་རྗེས་གྲབས་ལས་བྱེད་པ། ཏང་ཞུགས་ཧུར་བརྩོན་ཅན་བཅས་སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་རྫ་ཡུལ་རྫོང་གི་དཔའ་བོའི་ལ་ཉག་དྲན་གསོ་ཁང་དང་། རྫ་ཡུལ་རྫོང་འགྲོ་བ་དགོན་དགྲ་ལྷ་གྲོང་ཚོ། རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་མཐའ་སྟོབས་སྦྱོང་བརྡར་སྒར་ས་སོགས་སུ་ལྟ་སྐོར་དང་སློབ་སྦྱོང་དུ་བསྐྱོད་པ་རེད།

    རྫ་ཡུལ་རྫོང་གི་དཔའ་བོའི་ལ་ཉག་དྲན་གསོའི་ཁང་དུ་གླང་གོང་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱིས་མེ་ཏོག་སི་ར་ཕུལ་ནས་དཔའ་བོ་རྣམས་ལ་མཆོད་འབུལ་བྱས་པ་རེད། གླང་གོང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བདེ་སྐྱིད་ཀྱིས“བང་སོ་རེ་རེའི་འོག་ཏུ་མི་རྣམས་ཀྱིས་གུས་བཀུར་ཞུ་འོས་པའི་དཔའ་བོ་ཡོད། ཆེས་གཅེས་པར་འོས་པའི་མི་དེ་དག་ནི་ང་ཚོའི་བསམ་པའི་གནས་ཚད་ཡིན་པས། ང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སྤོབས་སེམས་སྔར་བས་འཕེལ་སོང”ཞེས་བརྗོད།

    འགྲོ་བ་དགོན་གྲོང་རྡལ་དང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་གྲོང་གསེབ་ཏུ་སྐྱོད་སྐབས། གནས་འཕྲོད་ལས་འཚམ་གྱི་གྲོང་ཚོ་གསར་པ་རེ་རེ་དང་དམངས་ཕྱུག་ཐོན་ལས་རེ་རེ་མཐོང་སྐབས་གླང་གོང་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཉི་མ་ལྷ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན“ད་ཐེངས་སློབ་སྦྱོང་བྱས་པ་བརྒྱུད། ཉིང་ཁྲིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་མཐོང་བྱུང་བས་མི་རྣམས་དགའ་འོས་པ་ཞིག་འདུག སླད་ཕྱིན་ངས་ནུས་ཤུགས་ཡོད་རྒུས་ཕ་ཡུལ་འཛུགས་སྐྲུན་ཆེད་རང་ནུས་ཕྲན་བུ་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།