བདེ་འཇགས་འགག་སྒོ་ལེགས་པར་སྲུང་། དུས་བདེའི་དུས་ཆེན་མཉམ་དུ་གཏོང་།
ལས་དོན་ཚོགས་འདུ་འཚོག་ཡུལ་དུ། ས་གནས་དེ་གའི་མང་ཚོགས་ཀྱིས་ཤོག་སྦག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི་སྒྲོག་འགྲེལ་ནན་ཏན་ངང་ཉན་བཞིན་པ།
ལས་དོན་ཚོགས་འདུ་འཚོག་ཡུལ་དུ། རྫོང་གྲོང་གི་ཤོག་སྦག་སིལ་ཚོང་བྱེད་མཁན་ཚོང་དུད་ཀྱིས་ཡོངས་བསྒྲགས་སུ་རྒྱན་སྒྲུག་ཏུ་བཅུག་ནས། ཤོག་སྦག་ཚོང་གཉེར་གྱི་ཐོབ་ཐང་རག་ཐབས་བྱེད་བཞིན་པ།
ལས་དོན་ཚོགས་འདུ་འཚོག་ཡུལ་དུ། རྫོང་གྲོང་གི་ཤོག་སྦག་སིལ་ཚོང་བྱེད་མཁན་ཚོང་དུད་ཀྱིས་ཡོངས་བསྒྲགས་སུ་རྒྱན་སྒྲུག་ཏུ་བཅུག་ནས། ཤོག་སྦག་ཚོང་གཉེར་གྱི་ཐོབ་ཐང་རག་ཐབས་བྱེད་བཞིན་པ།
ཉེ་ཆར། ལྷུན་གྲུབ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་རྫོང་བདེ་འཇགས་རུ་ཆེན་དང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཁག་སོགས་སྡེ་ཚན་དང་མཉམ་དུ་ཤོག་སྦག་ཕྱིར་ཚོང་དོ་དམ་གྱི་ལས་དོན་ཚོགས་འདུ་འཚོགས་པ་དང་འབྲེལ། དུས་ཆེན་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་བདེ་འཇགས་སྒྲོག་འགྲེལ་བྱས་ཏེ། བོད་ཀྱི་ལོ་གསར་རིང་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ་རེད།