དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གངས་ལྗོངས་སུ་ཁྲུང་ཁྲུང་སྐེ་ནག་རྩེད་འཇོར་རོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-28

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་འགྲམ་དུ་དགུན་སྒྲོལ་བྱེད་པའི་ཁྲུང་ཁྲུང་སྐེ་ནག་བག་ཕེབས་སུ་གནས་པ།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་པ་དང་། དེ་ནི་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་གཙོ་བོའི་གྲས་ཤིག་རེད། ཉེ་ཆར་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་དེ་ཁ་བས་བཀླུབས་ཡོད་པས། ཁྲུང་ཁྲུང་སྐེ་ནག་གར་སྟེགས་དཀར་པོའི་ཐོག་གི་སྟངས་སྟབས་འཁྱུག་པའི་ཞབས་བྲོ་འཁྲབ་མཁན་ལྟ་བུར་སྣང་།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་འཕར་བ་དང་། མིག་སྔར་བོད་དུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཁྲི་གཅིག་ལྷག་ཙམ་ཟིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།