ས་མཐོའི་ལྕགས་ལམ་གྱི་བདེ་འཇགས་སྲུང་བ།
ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་ཚན་པས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ལྷ་ས་བབས་ཚུགས་བརྡ་རྟགས་འཕྲུལ་འཁོར་ཁང་གི་སྒྲིག་ཆས་ལ་ཕྱོགས་ཡོངས་དང་ཞིབ་ཚགས་པའི་ཞིབ་བཤེར་བྱས་ནས། ནུས་ཤུགས་ཡོད་རྒུས་ལྕགས་ལམ་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།
ལས་དོན་སྤེལ་ཡུལ་དུ་ལས་སྒྲུབ་པས་ལས་བགོས་ལྟར་འཕྲུལ་ཆས་རེ་རེ་བཞིན་གྱི་རིགས་ཡང་དག་ཡིན་མིན་དང་། དུས་ཚད་ཡོལ་ཡོད་མེད། ནང་ངོས་ཞིབ་བཤེར། གློག་ཆས་མཐུད་ཁར་སྐྱོན་ཡོད་མེད་བཅས་ལ་ཞིབ་བཤེར་བྱས་ཤིང་། དུས་ཡུན་ཆུ་ཚོད་2ཀྱི་ཞིབ་བཤེར་ཉམས་བཟོ་བྱས་པ་བརྒྱུད། འཕྲུལ་འཁོར་ཁང་གི་སྒྲིག་ཆས་ཡོངས་རྫོགས་ཚོད་ལྟ་བྱས་འབྲས་ཡག་པོ་བྱུང་བ་དང་། དགོང་མོ་དེ་རང་དུ་ལས་འགན་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་རེད།
པར་འདི་གཉིས་ནི་ལས་དོན་པས་ལྷ་ས་བབས་ཚུགས་བརྡ་རྟགས་འཕྲུལ་འཁོར་ཁང་གི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་བཞིན་པ།