ལྷ་མོ《གཅུང་པོ་དོན་ཡོད་དོན་གྲུབ》འཕྱོངས་རྒྱས་སུ་འཁྲབ་པ།
ཉེ་ཆར་གཞོན་ནུ་ལོ་ཆུང་གི་གར་སྟེགས་ཟློས་གར་ལྷ་མོ《གཅུང་པོ་དོན་ཡོད་དོན་གྲུབ》སྐོར་འཁྲབ་བྱེད་སྒོ་འཕྱོངས་རྒྱས་རྫོང་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་དང་ལྷན་དུ། འཕྱོངས་རྒྱས་རྫོང་དུ་འཁྲབ་སྟོན་བྱེད་པའི་བོད་ལྗོངས་ལྷ་མོ་ཚོགས་པའི་2025ལོའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དམངས་ཕན་འཁྲབ་སྟོན་དང“དུས་ཆེན་གསུམ”གྱི་རིག་རྩལ་འཚམས་འདྲིའི་བྱེད་སྒོ་འགོ་ཚུགས་པ་རེད།
འདི་ནི་བོད་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པས《གཅུང་པོ་དོན་ཡོད་དོན་གྲུབ》སྐོར་འཁྲབ་བྱེད་བཞིན་པ།