དམངས་གཉེར་དཔལ་འབྱོར་གྱིས་འཕེལ་རྒྱས་ལ་སྒུལ་ནུས་སྦྱིན་པ།
ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གིས《དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པའི་ནང་ཚན་རྩལ་གསར་གཏོད་དང་། ཁྲོམ་ར་གསར་འབྱེད། མ་དངུལ་གྱི་རྒྱབ་སྐྱོར་སོགས་ཕྱོགས་མང་པོ་ཚུད་པ་དང་། དམངས་གཉེར་དཔལ་འབྱོར་གྱིས་འཕར་སྣོན་བརྟན་པོ་ཡོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། 2024ལོར་ཁྲུང་ཆིང་གི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་1.98ཟིན་ནས་6.2%འཕར་ཡོད་པ་རེད། འདི་ནི་ཁྲུང་ཆིང་ཧྭ་ཧྲེ་ཏན་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་གློག་འདོན་འཕྲུལ་འཁོར་གྱི་ཐོན་སྐྱེད་ལས་རིམ་དུ་བཟོ་པས་ལས་ཀ་བྱེད་བཞིན་པ།