གངས་འཁྱགས་ལུས་རྩལ་འགྲན་ཚོགས་གཉེར། ལང་ཚོའི་སྐྱེ་སྟོབས་ས་མཐོར་འབར།
འདི་ནི་ལུས་རྩལ་འགྲན་ཚོགས་ཐོག་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།
ཉེ་ཆར། འདམ་གཞུང་རྫོང་གིས་ས་བབ་མཐོ་ཚད་སྨི་4800ཡོད་པའི་གནམ་མཚོ་ཤང་ཇ་དཀར་གྲོང་ཚོར་དགུན་དུས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་ཤིང་། ལུས་རྩལ་འགྲན་ཚོགས་ཐོག་འཐུས་མིའི་རུ་ཁག་ཁག་གིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་དང་གྲོང་གསེབ་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཕུད། ལུས་རྩལ་འགྲན་ཚོགས་ཐོག་ད་དུང་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས“འཁྱགས་ཐོག་གཉའ་ཐག”འགྲན་བསྡུར་དང་། འཁྱགས་ཐོག་སྐྱེས་པ་དང་བུད་མེད་མཉམ་བསྲེས་ཀྱི་ཐག་འཐེན་འགྲན་བསྡུར། སྨི་4×400ཡི་རྒྱུག་མཐུད་འགྲན་བསྡུར། སྨི་3000གི་རྒྱུག་ཤར་འགྲན་བསྡུར། བུད་མེད་ཀྱི་སྨི་1000གི་རྒྱང་རྒྱུག་འགྲན་བསྡུར་སོགས་བཀོད་སྒྲིག་བྱས་ཡོད། བྱེད་སྒོའི་རིང་། ད་དུང་2024ལོར་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་གསར་པར་བྱ་དགའི་དངུལ་སྤྲད་པ་མ་ཟད། ཕ་ཡུལ་དུ་ཕྱིར་ལོག་བྱས་པའི་སློབ་ཆེན་སློབ་མ་དང་དེ་བཞིན་སློབ་ཆེན་སློབ་མའི་ལས་གཏོད་པར་གཟི་བརྗིད་ལག་ཁྱེར་ཡང་སྤྲད་པ་རེད།