“བཀྲ་ཤིས་ཕུན་སུམ་ཚོགས་པའི་ལོ་གསར་མཁོ་ཆས་ཚོང་འདུས”
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“བཀྲ་ཤིས་ཕུན་སུམ་ཚོགས་པའི་ལོ་གསར་མཁོ་ཆས་ཚོང་འདུས”སྐབས་གསུམ་པ་འགོ་ཚུགས་པ་དང་། ཚོང་འདུས་ལ་སྟོད་ལུང་རང་གི་ཁེ་ལས་དང་མཉམ་ལས་ཁང་གིས་བཟོས་པའི་བོད་ཀྱི་ལོ་གསར་མཁོ་ཆས་དང་། ཞིང་འབྲོག་པའི་ཡུལ་ཟོག མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། སྲོལ་རྒྱུན་གྱི་རྒྱན་གོས་བཅས་ཡོད་པ་མ་ཟད། ད་དུང་ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཡོད་པ་རེད། ད་རེས་ཀྱི་བྱེད་སྒོར་ཚོང་དུད་118ཞུགས་པ་དང་ཚོང་ཟོག་སྣ་ཁ་བརྒྱ་ལྷག་ཙམ་ཡོད་ཅིང་། འདི་ནི་གྲོང་མིས་སྡེར་ཁ་ཉོ་བཞིན་པ།