དགའ་བའི་ཞབས་བྲོ་འཁྲབ་པ།
བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད། ཉིན་དེར་ཕུ་མ་བྱང་ཐང་ཤང་གི་གྲོང་ཚོ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་དང་། ལས་བྱེད་པའི་འཐུས་མི། སྣ་དཀར་རྩེ་རྫོང་གི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་སོགས་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱས་ཤིང་། འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།