དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གཡུ་མདོག་འཁྱགས་པའི་སྟེང་གི་ཚེ་སྲོག་གི་འགྲུལ་བཞུད།

    —— ཕུ་མ་གཡུ་མཚོའི་གཡང་དཀར་དར་བགྲོད་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-23

    འདི་ནི་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་འབྲོག་པ་དང་ཉེན་རྟོག་པས་ལུག་ཁྱུ་མཚོ་དཀྱིལ་གླིང་ཕྲན་གྱི་འབྲོག་རར་དེད་བཞིན་པ།

    འདི་ནི་ལུག་ཁྱུ་རྣམས་འབྲོག་པ་དང་ཉེན་རྟོག་པའི་སྲུང་སྐྱེལ་འོག་མཚོ་དཀྱིལ་གླིང་ཕྲན་གྱི་འབྲོག་རར་སྐྱོད་བཞིན་པ།

    འདི་ནི་འཐུས་གྲོང་ཚོའི་འབྲོག་པས་ལུག་ཁྱུ་རུབ་རུབ་བཟོས་ནས་མཚོ་དཀྱིལ་འབྲོག་རར་དེད་རྩིས་བྱེད་བཞིན་པ།

    འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཕུ་མ་གཡུ་མཚོའི་གཡང་དཀར་དར་བགྲོད་ཀྱི་རྣམ་པ་ཡིན་པ།

    འདི་ནི་འཁྱགས་སྟེང་དུ་སྐྱོད་བཞིན་པའི་ལུག་ཁྱུ་ཡིན་པ།

    འདི་ནི་འཐུས་གྲོང་ཚོའི་གྲོང་མིས་འདྲེད་བརྡར་ཤོར་བའི་ལུ་གུ་པང་ཁར་བཏབ་ནས་དར་ཁ་སྒྲོལ་བཞིན་པ།

    འདི་ནི་མཚོ་དཀྱིལ་འབྲོག་རར་སླེབས་རྗེས་ལུག་ཁྱུ་རྩྭ་ཆུར་ཅི་དགར་རོལ་བཞིན་པ།

    བོད་ལྗོངས་ལྷོ་ཁའི་བརྗིད་ཆགས་རི་ཚོགས་ཁྲོད་དུ་ཆགས་པའི་ཕུ་མ་གཡུ་མཚོ་ནི་རྣམ་པར་བཀྲ་བའི་རིན་ཆེན་མརྒད་དང་འདྲ་བར་ས་བབ་སྨི་5000ལྷག་ཙམ་གྱི་སར་ལྟེམ་མེར་གནས། ལོ་རེའི་ཟླ་2པར་མཚོ་ངོས་དར་ཁ་ཡོངས་སུ་འགྲིག་སྐབས་སྣ་དཀར་རྩེ་རྫོང་འཐུས་གྲོང་ཚོའི་ཡུལ་མིས་ལུག་ཁྱུ་མཉམ་དུ་ཟླ་བསྒྲིལ་ནས་དར་ཁ་བརྒྱུད་མཚོ་དཀྱིལ་གླིང་ཕྲན་དུ་དགུན་སྒྲོལ་ལ་འགྲོ་གི་ཡོད་ཅིང་། དེ་ལ“གཡང་དཀར་དར་བགྲོད”ཅེས་ཟེར།

    ས་གནས་དེ་གའི་བོད་རིགས་འབྲོག་པ་ཚོས་མི་རབས་ནས་མི་རབས་བར་ལུག་ཁྱུ་མཚོ་དཀྱིལ་གླིང་ཕྲན་དུ་འདེད་པའི་སྲོལ་རྒྱུན་ཡོད་པ་དང་། དེ་ནི་ལུག་ཁྱུར་དགུན་དུས་སུ་ཡང་རྩྭ་ཡག་པོ་ཟ་ཐུབ་པའི་ཆེད་དུ་ཡིན། ལུག་ཁྱུ་རྩྭ་ཆུ་འཛོམས་པའི་མཚོ་དཀྱིལ་གླིང་ཕྲན་དུ་དེད་ན་རྩྭ་ཆུ་བཟང་བ་མ་ཟད། ཕྱུགས་འཚོ་ཐལ་ཤོར་ནས་རྩྭ་ར་གཏོར་བརླག་མི་ཡོང་བའི་སྔོན་འགོག་ཀྱང་ཐུབ་ཀྱི་ཡོད།

    དུས་ཀྱི་འཕོ་འགྱུར་དང་བསྟུན་ནས། ཕུ་མ་གཡུ་མཚོའི་གཡང་དཀར་དར་བགྲོད་བྱེད་སྒོར་དོ་སྣང་བྱེད་མཁན་ཇེ་མང་དུ་ཕྱིན་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    2024ལོ་ནས་བཟུང་སྣ་དཀར་རྩེ་རྫོང་གིས་ཕུ་མ་གཡུ་མཚོའི“གཡང་དཀར་དར་བགྲོད”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་དང་པར་ལེན་དགའ་ཞེན་པ་རྣམས་པར་རྒྱག་པ་དང་གཱ་ཐོ་འགོད་པར་ཡོང་བའི་ཡིད་དབང་བཀུག་ཡོད། ད་ལྟའི་བར་དུ་ལུག་ཁྱུ་འདེད་པ་ནི་གནའ་བོའི་སྲོལ་རྒྱུན་གོམས་སྲོལ་ཞིག་ཡིན་པ་མ་ཟད། དེ་བས་སྐར་ཁུང་ཞིག་ཀྱང་ཡིན་པས། མི་རྣམས་ཀྱིས་གངས་ལྗོངས་ས་མཐོའི་ངོ་མཚར་དང་ཡིད་འོང་མཐོང་ཐུབ་པ་མ་ཟད། མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་སྐུལ་སློང་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།