ཅིང་བོད་གཅིག་སེམས་གཅིག་ལ་སྦྲེལ་བ།
གྲོང་ཁྱེར་དང་གྲོང་རྡལ་ནས་གྲོང་གསེབ་བར་དང་། སློབ་གསོ་ནས་སྨན་བཅོས་བར། རྨང་གཞིའི་སྒྲིག་བཀོད་ནས་རིག་གནས་རྒྱུན་འཛིན་བར། པེ་ཅིང་གི་བོད་སྐྱོར་རྣམ་གྲངས་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ཁྱབ་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭ་སྒྱུར་བཀོད་རྒྱས་སྐྲུན་དང་དེ་བཞིན་སློབ་གྲྭ་ཨ་མའི་ཉམས་བཟོ་སྒྱུར་བཀོད་རྣམ་གྲངས་ནི་པེ་ཅིང་བོད་སྐྱོར་གྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་2600བཏང་བ་དང་རྣམ་གྲངས་འཛུགས་སྐྲུན་ནང་སློབ་ཁྲིད་ཐོག་ཁང་དང་། གད་སྙིགས་བསྡུ་རུབ་ཁང་། རླུང་འཕྲིན་ཚོད་འཛིན་ཁང་སོགས་ཡོད་པ་མ་ཟད། ཕྱོགས་བསྡུས་ཐོག་ཁང་དང་སློབ་ཁྲིད་ཐོག་ཁང་དང་དེ་བཞིན་དགེ་རྒན་གྱི་ཉལ་ཁང་སོགས་ལ་ཕྱོགས་ཡོངས་ནས་ཉམས་བཟོ་སྒྱུར་བཀོད་བྱས་ཡོད། མིག་སྔར། རྣམ་གྲངས་བདེ་བླག་ངང་རྩིས་སྤྲོད་རྩིས་ལེན་ཟིན་ཏེ་སྤྱོད་འགོ་འཛུགས་རྒྱུ་ཡིན་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་སྒྱུར་བཀོད་རྒྱས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་ཡིན་པ།