དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྲོལ་རྒྱུན་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་གྲོས།

    ཐང་གའི་སྒྱུ་རྩལ་རྒྱུན་འཛིན་གྱིས། དུས་རབས་གསར་པར་བཀྲག་མདངས་བསྣན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-22

    བློ་གྲོས་ཀྱིས་བཞེངས་པའི་ཐང་ག

    བློ་གྲོས(གཡོན)དང་ཁོང་གི་དགེ་བའི་བཤེས་གཉེན་བློ་བཟང་སེང་གེའི་མཉམ་པར།

    བློ་གྲོས་ཀྱིས་བཞེངས་པའི་ཐང་ག

    བློ་གྲོས་ལ་ཐོབ་པའི་དཔང་ཡིག

    བློ་གྲོས་ཀྱིས་ཐང་གའི་ཚོན་རྟུལ་བཞིན་པ།

    བློ་གྲོས་ཀྱིས་ཐང་ག་བཞེངས་བཞིན་པ།

    བློ་གྲོས་ཀྱི་དགེ་ཕྲུག་གིས་ཐང་ག་བཞེངས་སྟངས་སྦྱོང་བཞིན་པ།

    “ཐང་ག་བཞེངས་པའི་བརྒྱུད་རིམ་ནི་ལྷ་རིས་པ་དང་འབྲི་བྱའི་མི་སྣའི་དབར་གྱི་ཡུལ་དུས་ལས་བརྒལ་བའི་གླེང་མོ་ཞིག་དང་ཀུན་ནས་མཚུངས་པས། ཐང་གའི་རི་མོ་གང་ཞིག་ཡིན་རུང་དེ་དག་ཚང་མར་བླ་སྲོག་ལྡན་ཡོད། སེམས་ཀྱི་གཏིང་ནས་གོ་བ་འདི་ལྟ་བུ་ཞིག་རྙེད་ཚེ། ད་གཟོད་མི་རབས་ནས་མི་རབས་བར་བརྒྱུད་ཐུབ་པའི་ཐང་ག་ཞིག་བཞེངས་ཐུབ”ཅེས་སྟག་རྩེ་ཆུས་ཀྱི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲོལ་རྒྱུན་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་གྲོས་ཀྱིས་བརྗོད།

    སྟག་རྩེ་ཆུས་པད་ནག་གྲོང་ཚོར་སྐྱེས་པའི་ཁོང་ཆུང་དུས་ནས་ཐང་གར་ཧ་ཅང་དགའ་པོ་ཡོད། ལོ་ན་ཕྲ་བའི་དུས་སུ་ཐང་ག་བཞེངས་བཞིན་ཡོད་པའི་ལྷ་རིས་པ་ཞིག་དང་སྟེས་དབང་གིས་འཕྲད། ལྷ་རིས་པ་ཁོང་གིས་བཞེངས་པའི་ཐང་ག་མཐོང་དུས་བློ་གྲོས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་ཅིང་། དུས་དེ་ནས་བཟུང་སྟེ་བློ་གྲོས་དང་ཐང་གའི་དབར་ལས་ཀྱི་འབྲེལ་བ་དམ་པོ་ཞིག་བྱུང་།

    2005ལོར། ཁོང་གིས་ཐང་ག་བཞེངས་སྟངས་སྦྱོང་འགོ་ཚུགས་ཤིང་། ཐང་གའི་དགེ་རྒན་བློ་བཟང་སེང་གེ་ལགས་དང་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་མཆོག་གི་མཛུབ་ཁྲིད་ཐོབ། བློ་གྲོས་ཀྱིས“ཐང་ག་བཞེངས་ཐེངས་རེ་རེ་ནི་རང་ཉིད་ཀྱི་སེམས་ལ་ཉམས་སད་ཐེངས་རེ་ཐུབ་པ་དང་ཁྱད་མེད། ཐང་ག་རྩེ་གྲ་ཞིག་བཞེངས་པར་ལྷ་རིས་པས་དུས་ཚོད་ཡུན་རིང་པོ་སྤྱད་དགོས་པ་མ་ཟད་བསམ་བློ་ཡང་ཞིབ་ཕྲ་གཏོང་དགོས”ཞེས་བཤད།

    2011ལོར། བློ་གྲོས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་ལས་རིགས་ལག་རྩལ་སློབ་གྲྭའི(དེ་སྔའི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལས་རིགས་ལག་རྩལ་སློབ་གྲྭ)ཐང་གའི་འགྲན་བསྡུར་ལ་ཞུགས་ཤིང་། ཁོང་གི་བརྩམས་ཆོས་ལ་2011ལོའི་མི་རིགས་ས་ཁུལ་ལས་རིགས་སློབ་གླིང་གི་སློབ་མའི་རྩལ་ནུས་འགྲན་བསྡུར་བྱེད་སྒོའི་ཕུལ་བྱུང་རྩལ་ནུས་བརྩམས་ཆོས་ཀྱི་མཚན་སྙན་ཐོབ་པ་རེད།

    2012ལོར། ཁོང་ཐང་གའི་འཛིན་གྲྭ་ནས་ཐོན་རྗེས། ཕ་ཡུལ་དུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་ལས་ལ་རྩེ་གཅིག་ཏུ་གཞོལ། ཁོང་གིས་བོད་ཀྱི་ས་གནས་ཁག་ནས་རི་མོའི་ལྷན་སྐྱེས་ཀྱི་རིག་པ་ལྡན་པའི་ན་གཞོན་མང་པོ་ཞིག་སློབ་ཡོན་མི་དགོས་པར་དགེ་ཕྲུག་ལ་ཉར་བ་མ་ཟད། ད་དུང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་བུ་དང་དབང་པོ་སྐྱོན་ཅན་གྱི་སློབ་བུར་དམིགས་བསལ་ལྟ་རྟོག་བྱས་ཤིང་། དགེ་བའི་བཤེས་གཉེན་བློ་བཟང་སེང་གེའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ཏེ་མཛུབ་སྟོན་དང་བྱམས་སྐྱོང་ཟུང་དུ་འབྲེལ་ནས་བུམ་པ་གང་བྱོའི་ཚུལ་གྱིས་ཕུལ་བྱུང་གི་ན་གཞོན་ལྷ་རིས་པ་འབོར་ཆེན་གསོ་སྐྱོང་བྱས།

    2012ལོར། ཁོང་གི་ཐང་ག《རྡོ་རྗེ་འཇིགས་བྱེད》ལ་2012ལོའི་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གླིང་གི་སློབ་ཁྲིད་འབྲས་བུའི་འགྲེམས་སྟོན་བྱེད་སྒོའི་སློབ་མའི་བརྩམས་ཆོས་འགྲེམས་སྟོན་ཐོག་གསེར་གྱི་བྱ་དགའ་ཐོབ་པ་དང་2014ལོར་མཐོ་རིམ་ལག་ཤེས་པའི་དཔང་ཡིག་རག་པ་རེད། 2016ལོའི“སོར་མོའི་འཁྱུག་འགྲོས”

    བོད་ཀྱི་ལྷ་རིས་པ་ཆེན་མོ་བསྟན་པ་རབ་བརྟན་དང་དགེ་ཕྲུག་གི་བརྩམས་ཆོས་འགྲེམས་སྟོན་ལ་ཞུགས་ཤིང་། 2017ལོའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་སྟོན་ཚོགས་སྐབས་བདུན་པའི་ཐོག་ཁོང་ལ“ཕུལ་བྱུང་ལྷ་རིས་པའི”མཚན་སྙན་ཐོབ་ཡོད། གཞན་ཡང་2019ལོའི་གསར་གཏོད་ལས་གཏོད་ཀྱི་རྩལ་ནུས་འགྲན་བསྡུར་ཁྲོད་ཐང་གའི་རྣམ་གྲངས་ཀྱི་གསེར་གྱི་བྱ་དགའ་དང་2018ལོའི་སྟག་རྩེ་ཆུས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པའི་ཐོག་བྱ་དགའ་རིམ་པ་དང་པོ་རག་པ་རེད། 2023ལོར་ཁོང་སྟག་རྩེ་ཆུས་ཀྱི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲོལ་རྒྱུན་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།