ལོ་གསར་བསུ་བ།
འདི་ནི་མང་ཚོགས་ཀྱིས་ལོ་གསར་མཁོ་ཆས་ཉོ་བཞིན་པ།
འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རྒྱ་ཆེའི་མང་ཚོགས་ཚོར་ལོ་གསར་མཁོ་ཆས་ཉོ་བར་སྟབས་བདེ་སྐྲུན་ཆེད། ཉེ་དུས“བདེ་སྐྱིད་ལྡན་པའི་སྣ་དཀར་རྩེ། ལོ་གསར་མཁོ་ཆས་ཉོ་བར་བྲེལ”ཞེས་པའི་འགྲེམས་ཚོང་བྱེད་སྒོ་དང་བོད་ཀྱི་ལོ་གསར་དགའ་བས་བསུ་བའི་རིག་རྩལ་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཁྱོན་ཚོང་དུད་20ཞུགས་ཤིང་། ཚོང་ཟོག་འདྲ་མིན་སྣ་ཚོཌ་དང་། སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས། རྒྱན་གོས་སྣ་ཚོགས། བརྒྱ་ཟོག་བཅས་གང་དགོས་འཛོམས་པས་རྒྱ་ཆེའི་མང་ཚོགས་ཀྱིས་ལོ་གསར་མཁོ་ཆས་ཉོ་བའི་དགོས་མཁོ་བསྐངས་ཡོད། བྱེད་སྒོ་སྤེལ་བའི་ཉིན་དང་པོ་དེར་དངོས་ཟོག་བྲིན་ཚད་སྒོར་ཁྲི་5.09ཟིན་ཡོད།