ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་ཆིན་ཀྲོའུ་དུམ་བུར་སྒམ་གདུང་སྒྲིག་སྦྱོར་བྱེད་འགོ་ཚུགས་པ།
མིག་སྔར་ཧྲང་ཧའེ་ཁྲུང་ཆིང་ཁྲེང་ཏུའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་ཆིན་ཀྲོའུ་དུམ་བུར་སྒམ་གདུང་ཕྱོགས་ཡོངས་ནས་སྒྲིག་སྦྱོར་བྱེད་འགོ་ཚུགས་ཤིང་། འཆར་གཞི་ལྟར་ན་འདི་ལོའི་ཟླ་བཅུ་པར་ཚང་མ་སྒྲིག་སྦྱོར་ཚར་རྒྱུ་རེད། ཧྲང་ཧའེ་ཁྲུང་ཆིང་ཁྲེང་ཏུའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་2100ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་ལ་སྤྱི་ལེ་350ཇུས་འགོད་བྱས་པ་དེ་རྒྱལ་ཁབ་ཀྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གཙོ་བོའི་གྲས་ཡིན་ཞིང་། འདི་ནི་ཟླ་2ཚེས་19ཉིན་བཟོ་པ་ཚོས་སྒམ་གདུང་སྒྲིག་སྦྱོར་བྱེད་བཞིན་པ།