དཀར་ཆ་དོད་པའི་དཔེ་ཁང་དུ་དཔེ་ཀློག་ལ་བྲེལ།
ཉེ་ཆར། གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གྲོང་ཁྱེར་དཔེ་ཁང་དུ་སྐྱོད་སྐབས། གནས་དེ་དཀར་ཆ་དོད་ལ་གཙང་བ་མ་ཟད། དཔེ་དེབ་སྣ་ཚོགས་དཔེ་སྒྲོམ་ཐོག་གྲལ་སྟར་བསྒྲིགས་ནས་ཡོད་པ་དང་། གྲོང་མི་ཚོ་འཚང་ག་ཤིག་ཤིག་ངང་དེ་གར་དཔེ་ཀློག་དང་རང་སྦྱོང་བྱེད་པར་ཡོང་གི་ཡོད་པས། སློབ་སྦྱོང་གི་རྣམ་པ་ཧ་ཅང་ཡག ལོ་མང་གི་འབད་འཐབ་བརྒྱུད། བྲག་ཡིབ་ཆུས་གྲོང་ཁྱེར་དཔེ་ཁང་ད་ཆ་ཁ་ཁུ་སིམ་ལ་སྐྱིད་སྣང་དོད་པ་དང་། དཔེ་དེབ་གང་དགོས་ཡོད་པ་མ་ཟད། ད་དུང་དཔེ་དེབ་གཡར་ལེན་དང་། ཅ་དངོས་ཉར་ཚགས། འཐུང་ཆུ། གསང་སྤྱོད། དྲ་རྒྱ། གློག་གསོག་ས་སོགས་ཀྱི་སྟབས་བདེའི་ཞབས་ཞུའང་མཁོ་འདོན་བྱེད་བཞིན་ཡོད་སྟབས། དེ་ནི་ཡུལ་དེའི་གྲོང་མི་དང་ལྷག་པར་དུ་སློབ་མ་ཚོའི་སློབ་སྦྱོང་བྱེད་ས་ཡག་པོ་ཞིག་ཏུ་གྱུར་ཡོད། འདི་ནི་གྲོང་མིས་བྲག་ཡིབ་ཆུས་གྲོང་ཁྱེར་དཔེ་ཁང་དུ་དཔེ་དེབ་ལྟ་བཞིན་པ།