མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ་འཁྲབ་པ།
མང་ཚོགས་ཀྱི་ཧུར་སེམས་ལ་སྐུལ་སློང་ཏན་ཏིག་བྱས་ཏེ་རྒྱ་ཆེའི་མང་ཚོགས“གསར་བརྗེའི་ཆབ་མདོ། དར་རྒྱས་འབད་འབུངས”ཞེས་པའི་བྱེད་སྒོར་རྒྱ་ཁྱབ་ངང་ཞུགས་པར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག དམངས་ཡོངས་ལུས་སྦྱོང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒོར་གཞས་ཁྱབ་གདལ་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས“གསར་བརྗེའི་ཆབ་མདོ། དར་རྒྱས་འབད་འབུངས”ཞེས་པའི་བྱེད་སྒོའི་སྒོར་གཞས་འགྲན་བསྡུར་སྐབས་དང་པོ་གཉེར་བ་རེད། འདི་ནི་སྒོར་གཞས་འགྲན་བསྡུར་བྱ་ཡུལ་ཡིན་པ།