གྲོང་མི་མང་ཚོགས་ཀྱིས་དངོས་ཟོག་ཉོ་བཞིན་པ།
ཟླ་2ཚེས་12ཉིན། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་གཉེར་བྱས་པའི“ལྷོ་ཁའི་ལོ་གསར་ཚོང་ཟོག་གི་ཚོང་འདུས་ཆེན་པོ་སྐབས་དང་པོ་སྟེ། ལྷ་སའི་འགྲེམས་ཚོང”དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་ལོ་གསར་མཁོ་ཆས་ཀྱི་ཚོང་འདུས་ལྷ་ས་གྲོང་ཁྱེར་གྱི་རྩེད་ཐང་གསོལ་མགྲོན་ཁང་དུ་གཉེར་བ་དང་། ཚོང་འདུས་ཐོག་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་ཁྱད་ལྡན་ཐོན་ཟོག་འདོན་རྒྱུར་གཙོ་བོར་དམིགས་ནས་ནས་ཀྱི་ཐོན་རྫས་དང་། རྒུན་འབྲུམ་ཨ་རག ཚགས་ཤ་དང་ལུག་ཤ མི་རིགས་ཀྱི་གྱོན་ཆས། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་བཏོན་ཡོད། འདི་ནི་གྲོང་མི་མང་ཚོགས་ཀྱིས་དངོས་ཟོག་ཉོ་བཞིན་པ།