མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་གློག་དྲ་བརྟན་པོ་ཡོང་བར་བྱས་པ།
བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་ཀུང་སིའི་ཉེ་དུས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནུས་ལྡན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོཌ་འགོག་སེལ་དང“ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆེས་མཐོ་གནོན་ཡན་ལག་ཀུང་སིས་ལྷ་སའི་གློག་རྒྱུན་སྒྱུར་ཚིགས་སྒྲིག་འཛུགས་བྱས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བ་རེད། འདི་ནི་ལྷ་སའི་གློག་རྒྱུན་སྒྱུར་ཚིགས་ཀྱི་ལས་དོན་པས་ཐད་རྒྱུག་ཁུལ་དུ་SF6གི་རླུང་གནོན་ལ་ཞིབ་བཤེར་བྱེད་བཞིན་པ།