ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧྥེང་ཅུན་ཞིས་དང་ཝང་ཞུའེ་ལ་ཨང་དང་པོ་ཐོབ་པ།
ཟླ་2ཚེས་11ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་རང་མོས་གངས་ཤུད་ཀྱི་བུད་མེད་ཀྱི་གནམ་མཐོངས་རྩེད་རྩལ་གྱི་ཉིས་གཤིབ་མཐའ་བསྡུར་ཡ་པུའུ་ལི་རུ་བྱས་པ་དང་། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧྥེང་ཅུན་ཞིས་དང་ཝང་ཞུའེ་ལ་ཨང་དང་པོ་ཐོབ་ཡོད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཧྥེང་ཅུན་ཞིས(གཡས)དང་ཝང་ཞུའེ་ཡིས་འགྲན་བསྡུར་བྱེད་བཞིན་པ།
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞ་དབྱི་ཧྥང་གིས་པར་བླངས)