དུས་ཆེན་རྗེས་ཚོང་ཁང་སྒོ་ཕྱེ་བ།
ཟླ་2ཚེས་9ཉིན། གོ་ལ་ཧྲིལ་པོའི་ཚོང་ཟོག་ཆུང་གྲས་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་ཡིན་པའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་གྲོང་གི་ཚོང་ཁང་སྒོ་ཕྱེ་བ་དང་ཚོང་དུད་ཁྲི་7.5ཡིས་ཚོང་ཟོག་གསར་པ་འཚོང་འགོ་ཚུགས་ཡོད། འདི་ནི་ཕྱི་རྒྱལ་གྱི་ཚོང་པ(གཡས)ཞིག་དང་ཁྲོམ་རའི་གཉེར་སྐྱོང་བས་གངས་འཁྱགས་སྒྲིག་ཆས་ཉོ་སྒྲུབ་ཐད་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།