འཁྲབ་སྟོན་བྱས་ནས་དྲོ་སྐྱིད་སྦྱིན། དམག་དམངས་བརྩེ་བ་ཟབ་ཏུ་ཕྱིན།
འདི་ནི་ཇོ་རིའི་རིག་རྩལ་དམག་ཧྲག་རུ་ཁག་དང་གྲོང་མི་ཚོ་མཉམ་དུ་སྒོར་གཞས་རྒྱག་བཞིན་པ།
འདི་ནི་གྲོང་མིས་ཇོ་རིའི་རིག་རྩལ་དམག་ཧྲག་རུ་ཁག་ཐོན་སྐབས་ཁོང་ཚོར་ཁ་བཏགས་གཡོགས་བཞིན་པ།
ཉེ་ཆར། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་ཇོ་རིའི་རིག་རྩལ་དམག་ཧྲག་རུ་ཁག་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་དུ་འཚམས་འདྲིའི་འཁྲབ་སྟོན་བྱེད་པར་བསྐྱོད་དེ་བཅའ་སྡོད་དཔོན་དམག་དང་གྲོང་མིར་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
ཇོ་རིའི་རིག་རྩལ་དམག་ཧྲག་རུ་ཁག་གི་རུ་མིས་ལེ་ཚན་ཁག་13གྲ་སྒྲིག་ཞིབ་ཚགས་བྱས་པ་མ་ཟད། སྔོན་སྦྱོང་ཐེངས་མང་བྱས་པ་དང་། དེའི་དམིགས་ཡུལ་ནི་མཐའ་སྲུང་དཔོན་དམག་ཚོས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུ་བ་དང་བཅའ་སྡོད་མི་སེར་ཚོར་སྤྲོ་སྣང་སྦྱིན་ནས་དམག་སེམས་གཅིག་སྒྲིལ་དང་དམག་མིའི་ངར་ཤུགས་འཕེལ་བར་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཆེད་ཡིན་པ་རེད།