ཧྲན་ཏུང་རུང་ཁྲེང་གིས་དྲོད་རླངས་མཁོ་འདོན་འགན་ལེན་ཡག་པོ་བྱས་ཏེ“དྲོད་སྲུང་འཛིང་རགས”བརྟན་པོ་སྲུང་བ།
ཉིན་ཤས་བསྟུད་མར་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་དུ་གངས་ཆེན་པོ་བབས་ཡོད། ས་གནས་དེ་གའི་དྲོད་རླངས་དང་གློག་ཤུགས་སྡེ་ཚན་གྱིས་བྱ་ཐབས་ཧུར་ཐག་སྤྱད་དེ་དྲོད་རླངས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་རོལ་གྱི་དྲོད་ཚད་ལ་གཞིགས་ནས་དྲོད་རླངས་མཁོ་འདོན་གྱི་འཁོར་སྐྱོད་གཞི་གྲངས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ཁྲོ་ཐབ་དང་གདོང་ལམ་གྱི་དྲོད་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱོད་མཁན་གྱི་ཁང་པའི་ནང་གི་དྲོད་ཚད་གྲང་རླབས་ཀྱི་ཤུགས་རྐྱེན་ཐེབས་ནས་འཕར་ཆག་ཆེན་པོ་མི་ཡོང་བའི་འགན་ལེན་བྱས་པ་རེད།
འདི་ནི་ཟླ་2ཚེས་7ཉིན་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་གྱི་མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭར་ལས་དོན་པས་ཁྲོ་ཐབ་སྒྲིག་ཆས་ལ་སྐོར་ཞིབ་བྱེད་བཞིན་པ།