སྒོ་ར་ཆུང་ཆུང་མང་ཚོགས་ཀྱི་འབབ་ཁུངས་སུ་གྱུར་པ།
འདི་ནི་ལྷོ་རོང་རྫོང་ཁམ་པུའི་ཞིང་འབྲོག་པའི་རིག་གནས་ལག་ཤེས་བཟོ་རྩལ་ཆེད་ལས་མཉམ་ལས་ཁང་གི་རི་མོ་བས་ཐང་ག་འབྲི་བཞིན་པ།
འདི་ནི་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱི་དཀར་གསལ་མི་རིཌ་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་གི་ལག་ཤེས་བཟོ་རྩལ་པས་སྤོས་ཆག་རྒྱག་བཞིན་པ།
འདི་ནི་ལྷོ་རོང་རྫོང་གི་མང་ཚོགས་ཀྱིས་རང་ཁྱིམ་དུ་བརྒྱབ་པའི་སྔོ་ཚལ་དྲོད་ཁང་ནང་ཀྭ་རིགས་དང་ཤིང་འབྲས་ལ་གཡོག་བྱེད་བྱེད་བཞིན་པ།
ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་བྱས་ནས“མཉམ་ལས་ཁང་དང་ཞིང་དུད་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་དང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ཁྱིམ་ཚང་གི་སྒོ་ར་དང་ཉེ་འཁོར་གྱི་བེད་མེད་ཐོན་ཁུངས་སྤྱད་ནས་ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་དང་། གསོ་ཚགས། རིག་གནས་དང་ཡུལ་སྐོར་རམ་ཡང་ན་འབྲེལ་ཡོད་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་ཞིང་། ཐོན་ཁུངས་དེ་ཕན་འབྲས་སུ་གྱུར་པ་དང་སྒོ་རའི་དཔལ་འབྱོར་མང་ཚོགས་ཀྱི་འབབ་ཁུངས་སུ་འགྱུར་བར་བྱས་པ་རེད།