དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མཛེས་སྡུག་ལྡན་པའི་ལྷ་ཀླུ་འདམ་ར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-05

    འདམ་ར་དང་། ནགས་ཚལ། རྒྱ་མཚོ་བཅས་ལ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་ཞེས་བརྗོད་ཅིང་། དེར་ཆུ་རྩ་གསོ་འཁྱོངས་དང་། ཆུ་སྤུས་ལེགས་གཏོང་། ཆུ་ལོག་དང་ཐན་པ་སྔོན་འགོག གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཀྱི་སྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

    ལྷ་ཀླུ་འདམ་ར་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། འདམ་ར་སྲུང་སྐྱོང་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་12.2ཟིན་པ་དང་། དེའི་ནང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་6.6ཙམ་ཟིན་པ། བར་ཆོད་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་3.39ཟིན་པ། ཚོད་ལྟའི་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་2.21ཟིན་གྱི་ཡོད། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་གྱི་གསོ་རླུང་གི་འབྱུང་ཁུངས་གཙོ་བོ་ཡང་ཡིན་པས། “ལྷ་སའི་གློ་བ”ཞེས་ཀྱང་འབོད་ཀྱི་ཡོད།

     འདི་ནི་ལྷ་ཀླུ་འདམ་རའི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།