གཞིས་རྩེ་གྲོང་ཁྱེར་རྟ་ནག་ཕུ་ཤང་ཁྲོམ་ལྡང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ལས་དོན་རུ་ཁག་གིས“རྨང་བརྟན་དམངས་ཕན”གྱི་ཞིང་ལས་ཡོ་བྱད་སྤྲོད་པའི་མཛད་སྒོ་འཚོགས་པ།
ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་མཐོ་རུ་བཏང་ནས་ཞིང་ཁ་དང་འབྲོག་ར་དོ་དམ་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རྟ་ནག་ཕུ་ཤང་ཁྲོམ་ལྡང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ལས་དོན་རུ་ཁག་གིས“རྨང་བརྟན་དམངས་ཕན”གྱི་ཞིང་ལས་ཡོ་བྱད་སྤྲོད་པའི་མཛད་སྒོ་འཚོགས་ཏེ་སྒོར་ཁྲི་10ཙམ་རི་བའི་གློག་སྒུལ་ཞིང་སྨན་གཏོར་ཆས་དང་དེ་བཞིན་ར་སྐྱོར་ལྕགས་དྲ་སོགས་ཞིང་སྤྱོད་ཡོ་བྱད་གྲོང་མིའི་ལག་ཏུ་སྤྲད་པ་རེད། འདི་ནི་ཞིང་ལས་ཡོ་བྱད་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།