བྱེད་སྒོ་སྣ་ཚོགས་སྤེལ། ལོ་གསར་དགའ་བས་གཏོང་།
འདི་ནི་དཔོན་དམག་དང་ནང་མིས་རོལ་རྩེད་རྩེ་བཞིན་པ།
འདི་ནི་ངོ་མཚར་ཆེ་བའི་སི་ཁྲོན་ཁྲང་ཞིའི་གདོང་སྒྱུར་འཁྲབ་སྟོན་ཡིན་པ།
དགའ་དགའ་སྤྲོ་སྤྲོའི་ངང་ནས་དཔྱིད་གསར་བསུ། ཚ་ཚ་འུར་འུར་སྒོ་ནས་ལོ་གསར་གཏོང་། ནང་མི་མཉམ་འཛོམས་ཀྱི་ཉིན་མོར། བོད་ལྗོངས་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་སྒར་ནང་འཁྲུག་ཆ་ཤིན་ཏུ་དོད་པའི་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་ཏེ། དཔོན་དམག་དང་ནང་མིར་གཞན་དང་མི་འདྲ་བའི་ལོ་གསར་གྱི་སྤྲོ་སྣང་སྦྱིན་པ་དང་དགུན་དུས་ཀྱི་གྲང་ངར་བསལ་ནས་དམག་སྒར་ཡོངས་ལ་དུས་ཆེན་གྱི་རྣམ་པ་ཟབ་མོས་ཁེངས་པར་བྱས་ཡོད།