གློག་སྐུད་ལ་གྲལ་བཤེར་བྱས་ནས་དམངས་ཀྱི་བདེ་འཇགས་སྲུང་བ།
ཉེ་ཆར། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་གྲོང་མདའ་གྲོང་རྡལ་དུ་བསྐྱོད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་གློག་སྤྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ་རེད། གྲལ་བཤེར་བྱེད་རིང་། གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གིས་ཆེད་ལས་བྱང་ཚད་མཐོ་པོ་མངོན་ཏེ། གློག་སྐུད་ཚང་མར་གྲལ་བཤེར་ཞིབ་ཕྲ་བྱས་པ་དང་། གཞན་ཡང་། མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་དང་ནུས་བསྲིའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གིས་ད་དུང་གྲོང་མིར་བདེ་འཇགས་དང་ནུས་བསྲིའི་ངང་གློག་སྤྱོད་པའི་རྒྱུན་ཤེས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ནུས་བསྲིའི་གློག་ཆས་རིན་མི་དགོས་པར་སྤྲད་པ་རེད།
འདི་ནི་ཞབས་ཞུ་རུ་ཁག་གི་ཁོངས་མིས་མང་ཚོགས་ཀྱི་གློག་སྐུད་བརྗེ་བཞིན་པ།