དཔྱིད་གསར་དགའ་བས་རོལ། ས་མཐོར་སྤྲོ་སྣང་ལྡན།
འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣ་སྒྲིག་འཛུགས་བྱས་ཏེ། དཔྱིད་གསར་བསུ་བའི་རིག་རྩལ་མཚན་ཚོགས་འཚོག་བཞིན་པ།
འདི་ནི་ཟླ་1ཚེས་27ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ལས་དོན་མི་སྣས་གྲོང་མི་དང་མཉམ་དུ་ཅའོ་ཙེ་བཟོ་བཞིན་པ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་ཁག་ཏུ་ལྒང་བཞུ་བཀལ་ནས་གང་སར་དགའ་སྤྲོ་མཉམ་འཛོམས་ཀྱི་ལོ་གསར་གྱི་རྣམ་པ་ཟབ་མོས་ཁེངས་ཡོད། རིག་རྩལ་མཚན་ཚོགས་དང་། ཅའོ་ཙེ་བཟོ་བ། ལྒང་བཞུ་འགེལ་བ། དཔྱིད་གསར་ཆ་ཡིག་སྦྱར་བ་སོགས་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་བཞིན་ཡོད།