དབུ་ཤོག>པར་མཛོད།
  • ཆ་སྒྲིག་མཉམ་སྐྲུན་བྱས་ནས་ཕན་ཚུན་སྐུལ་འདེད་དང་ཡར་རྒྱས་ཡོང་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-30

    འདི་ནི་མེ་འཁོར་ལས་ཚུགས་ཀྱི་ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅིས་སྲང་ཁར་སྒང་གྲོང་ཚོའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་མེ་འཁོར་ལས་ཚུགས་ཀྱི་ལས་དོན་པས(གཡས་ཀྱི་དང་པོ)གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་དུད་ཚང་ལ་འཚམས་འདྲིའི་དངུལ་སྤྲོད་བཞིན་པ།

    འདི་ནི་བྱེད་སྒོར་ཞུགས་མཁན་ཏང་ཡོན་བློ་མཐུན་ཚོའི་མཉམ་པར་ཡིན་པ།

    ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་ལས་ཚུགས(གཤམ་དུ“མེ་འཁོར་ལས་ཚུགས”ཞེས་བསྡུ་རྒྱུ)ཏང་ཨུད་ཀྱིས་མེ་འཁོར་ལས་ཚུགས་ཀྱི་ཀྲི་པུའུ་ཁག་གི་ཧྲུའུ་ཅི་སྒྲིག་འཛུགས་བྱས་ནས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གསང་ཁར་སྒང་གྲོང་ཚོར་བསྐྱོད་དེ། གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་། ཆ་སྒྲིག་མཉམ་སྐྲུན་གྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་མཉམ་སྐྲུན་བྱེད་སྒོ་སྤེལ་ཞིང་། གཞི་རིམ་ཕན་ཚུན་རོགས་རེས་ཀྱི་ལས་སྟེགས་བཙུགས་ནས་གྲོང་གསེབ་དར་རྒྱས་དང་མེ་འཁོར་ལས་ཚུགས་ཀྱི་ལས་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་། མེ་འཁོར་ལས་ཚུགས་ཀྱི་ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅིས་སྔ་རྗེས་སུ་གསང་ཁར་སྒང་གྲོང་ཚོའི་བོད་གསར་རྙིང་བསྡུར་བའི་འགྲེམས་ཁང་དང་། གྲོང་ཚོའི་ལོ་རྒྱུས་ཁང་། གྲོང་གསེབ་དར་རྒྱས་ཁང་བཅས་བརྗོད་དོན་གཙོ་བོའི་འགྲེམས་ཁང་གསུམ་ལ་ལྟ་སྐོར་བྱས་ཤིང་། མཇུག་མཐར་མེ་འཁོར་ལས་ཚུགས་ཀྱི་ཏང་ཨུད་ཀྱིས་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་སྲང་ཁར་སྒང་གྲོང་ཚོའི་མང་ཚོགས་དུད་ཚང་4ལ་སྒོར་5000ལྷག་ཙམ་རི་བའི་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།