ལྷག་བསམ་རྣམ་དག་གིས་ཉེན་རྟོག་པའི་བླ་སྲོག་བཏོད་པ།
འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གྲོ་མོ་རྫོང་དང་དེའི་མཐའ་འཁོར་དུ་ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་བྱེད་བཞིན་པ།
འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱེད་བཞིན་པ།
ཟླ་1ཚེས་10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་ལྔ་པ་ཡིན་པ་དང་། ཉིན་དེར་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་ཉེན་རྟོག་པའི་དར་ཆ་བསྒྲེངས་པའི་མཛད་སྒོ་འཚོགས་པ་དང་འབྲེལ་མི་དམངས་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ《སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་དམ་བཅའ》བསྐྱར་འཇོག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེས་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་མཐའ་མཚམས་འགག་སྒོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ལ་སྐུལ་མ་ཐེབས་པས། ཚང་མས་སེམས་ཤུགས་ཆེན་པོས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་ལས་འགན་བསྒྲུབས་ཏེ་སྔར་བས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་དུས་རབས་གསར་པའི་རླབས་ཆེན་གྱི་རྒྱང་ལམ་སྲུང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།